[448B] །།གཙུག་ཏོར་ཆེན་པོའི་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། མཐའ་ཡས། ཁྱོད་ཀྱིས་འདི་ལྟར་ཤེས་པར་གྱིས་ཤིག་བྱང་ཆུབ་ཀྱི་དཀྱིལ་འཁོར་ལ་གནས་པ་དེ་འདུ་ཤེས་ཐམས་ཅད་འབྱུང་བར་འགྱུར་རོ། །དེ་ ཉིད་འདུ་ཤེས་སྤངས་པ་ཡིན་ནོ། །དེས་ན་སྙིང་པོ་ཐམས་ཅད་སྣང་བར་འགྱུར་ཏེ། གཡོ་བ་རྣམ་པར་དག་པས་གཞན་དུ་ཐ་མི་དད། དྲན་པ་བརྗོད་པས་ཡང་དག་པ་དང་གཅིག་གོ་དེ་ཁོ་ ན་ལ་གནས་ཏེ་ཏིང་ངེ་འཛིན་དུ་ཞུགས་ན། དཔེར་ན། མིག་སྣང་བའི་མི་མུན་པ་ཆེན་པོའི་ནང་ན་འདུག་པ་དང་མཚུངས་ཏེ། བྱང་བ་ཉིད་ཤིན་ཏུ་གཙང་མོད་ཀྱི། སེམས་ལ་འོད་མ་བྱུང་ བས་དེ་ནི། གཟུགས་ཀྱི་ཕུང་པོའི་ཁང་ཁྱིམ་ཡིན་ནོ། །མིག་དག་གསལ་བས་ཕྱོགས་བཅུ་ཐོགས་པ་མེད་པར་མཐོང་སྟེ་མུན་པ་དང་མི་སྣང་བ་མེད་ན། དེ་ནི། གཟུགས་ཀྱི་ཕུང་པོ་ཟད་ [449A]༄༅། །པས་བསྐལ་བའི་རྙོག་པ་ལས་རྒལ་ཏོ། །དེའི་དོན་བརྟགས་ན་མི་བདེ་ན་པའི་སེམས་དམ་དུ་འཛིན་པ་ལས་བྱུང་ངོ། །སེམས་དེ་ལ་སྒོམ་པ་སྟོང་ཞི་ཞིང་ སྣང་གསལ་བར་གྱུར་ན། སྐད་ཅིག་ཏུ་ལུས་ཀྱི་དབང་ཐོབ་སྟེ། ལུས་གཟུགས་ལ་མི་ཐོགས་པ་ཐོབ་བྲོ། །དེའི་མིང་ནི། བྱང་བའི་མཐུ་སྐྱེས་པར་ཟད་དོ། །སེམས་དེ་སྟོང་ཞིང་སྣང་ གསལ་ན། བདག་གི་ལུས་ཀྱི་ནང་ན་ཅི་འདུག་པ་ཀུན་སྣང་སྟེ། བདག་གི་ལུས་ལ་གློ་བུར་དུ་སྲིན་གྲོལ་མ་བྱུང་ཡང་ལུས་མ་གོད་མ་ཉམས་པར་མཐོང་སྟེ། དེ་ཡང་བྱང་སྣང་བའི་ མཐུ་སྐྱེ་བར་ཟད་དོ། །སེམས་དེ་ཕྱི་ནང་སྟོང་ཞི་བའི་ཕྱིར་ནམ་མཁའ་སྟོང་བ་ལས་ཆོས་བཤད་པའི་སྒྲ་དང། ཕྱོགས་བཅུ་ན་ཆོས་ཟབ་མོའི་ངོན་བཤད་པའི་སྒྲ་ཐོས་ཏེ། དེ་ནི་ བྲལ་དང། ཕེག་དང། ཡིད་དང། མི་གཏོད་པ་དང། ཛིན་ཤིན་རྣམས་ལྷན་ཅིག་ཏུ་འདུག་པ་ལས་འདུ་འབྲས་དུ་གྱུར་པ་ལས་བྱུང་བར་ཟད་སེམས་དེ་སྣང་གསལ་ཞིང་ནང་ གི་འོད་བྱུང་བའི་ཕྱིར་ཕྱོགས་བཅུ་ཐམས་ཅད་ཛམྦུའི་གསེར་གྱི་ཁ་དོག་ཏུ་གྱུར། སེམས་ཅན་སེམས་ཀྱི་སེམས་མི་མཐུན་པའི་རྣམས་ཀྱང་སངས་རྒྱས་ཀྱི་གཟུགས་སུ་གྱུར། རྣམ་ པར་སྣང་མཛད་ལྷའི་འོད་ཀྱི་ཁང་པ་ན་བཞུགས་ཏེ་སངས་རྒྱས་བཅུས་བསྐོར་བ་དང། ཡུལ་དང་ཞིང་མེ་ཏོག་དང་བཅས་པ་འབུམ་ཕྲག་བརྒྱད་དང། དེ་རྣམས་སྐད་ཅིག་ཏུ་མཐོང་ [449B] སེམས་དང་བྲལ་ཚོར་བ་རྣོ་བས་སེམས་ཀྱི་འོད་ཞིབ་མོས་འཇིག་རྟེན་དེ་རྣམས་མཐོན་བར་ཟད་དོ། །སེམས་དེ་སྟོང་ཞི་ཞིང་གསལ་སྣང་བ་ལ་རྟོག་ཅིང་དཔྱོད་པ་ལ་བར་ཆད་མེད་ པས་སྐད་ཅིག་གློ་བུར་དུ་ཕྱོགས་བཅུའི་རིན་པོ་ཆེ་སྣ་བདུན་དང་རྒྱ་ཁ་དོག་ཏུ་གྱུར་པར་མཐོང་སྟེ། དེ་ནི། སེམས་མནན་ཅིང་མི་གཏོང་བ་ལ་བསྒོམས་དྲེགས་པ་མི་གཏོང་བ་ལས་ བྱུང་བར་ཟད། སེམས་སྟོང་ཞི་ཞིང་སྣང་གསལ་བར་གྱུར་པའི་ཕྱིར་མཚན་མོ་མུན་པའི་ནང་ན་ཅི་འདུག་གོ་ཅོག་ཉིན་པར་བཞིན་དུ་རེ་ཞིག་གློ་བུར་དུ་མཐོང་སྟེ། དེ་ནི། སེམས་ཞི་ཞིང་ གསལ་བར་གྱུར་པའི་ཕྱིར་མཐོང་བར་ཟད་དོ། །སེམས་དེ་སྟོང་ཞི་བའི་ཕྱིར་བདག་གི་ལུས་རྩྭ་སྙིང་བཞིན་དུ་མཚོན་གྱིས་གཏུབས་བཅད་དམ། མེར་བསྲེགས་ཀྱང་མི་ན་མི་འཚིག་སྟེ་ ནི༑ ཆེན་པོ་བཞིའི་མཚན་ཉིད་ཕྱིར་འབྱུང་བ་ཡིན་ནོ། །སེམས་དེ་གཙང་མར་གྱུར་པའི་མཐུས་ཕྱོགས་བཅུའི་རི་དང། རྩང་པོའི་ཆུ་བོ་ཐམས་ཅད་དང། ས་གཞི་ཐམས་ཅད་སངས་རྒྱས་ ཀྱི་ཞིང་དུ་གྱུར་ཏེ་ནོར་བུ་རིན་པོ་ཆེས་བརྒྱན་པ་དང། འོད་སྣང་བ་གར་ཡང་ཁྱབ་པ་བྱེ་མ་སྙེད་ཀྱི་སངས་རྒྱས་ནམ་མཁའ་ལ་བཞུགས་པ་དང། ནམ་མཁའ་ལ་རིན་པོ་ཆེའི་ཁང་ཁྱིམ་ དང། མཚམས་མེད་པ་ཡན་ཆད་ལྷ་བྲན་གྱི་གནས་མན་ཆད་བསྒྲིབས་པ་མེད་པར་མཐོང་སྟེ། དེ་ནི། སྐྱོ་བ་དང་དགའ་བའི་སེམས་ལ་བསྒོམས་པ་ཡུན་རིང་པོ་ལས་གྱུར་པར་ [450A]༄༅། །ཟད་དོ༑ ༑སེམས་དེ་ལ་ཞིབ་ཏུ་བསྒོམས་པ་ཡུན་རིང་བས་རེ་ཞིག་མཚན་མོ་གློ་བུར་དུ་རྒྱང་རིང་པོ་ན་འདུག་པའི་གྲོང་དུ་ཁྱབ་པ་ལ་སྲེད་པ་དང། རྡུལ་དོན་ དུ་གྱུར་པ་དང། དེ་རྣམས་ཉིད་ལ་རྟག་པར་འཛིན་ཏེ། མུ་སྟེགས་བྲམ་ཟེ་ཀ་ཤ་བ་དང། མེ་ལ་རྗེད་པ་དང། ཆུ་ལ་རྗེད་པའི་ཆོས་ལ་མྱ་ངན་ལས་འདས་པའི་དོན་ཚོལ་ཏེ། མུ་ སྟེགས་དེ་རྣམས་ཀྱི་སྤེར་གྱུར་ཏོ། །བྱང་ཆུབ་ཀྱི་སེམས་ནི། འཚོལ་ཤེས་པར་ལྟ་བ་ནི། བརླག་མུ་སྟེགས་སྔར་ཡུལ་ཡོད་པར་འཛིན་པའི་ཆོས་སྤྱད་དེ། མི་བདེན་པའི་འབྲས་བུ་ ནི༑ གྲུབ། མྱ་ངན་ལས་འདས་པ་ལ་ནི། རྒྱབ་ཀྱིས་ཕྱོགས། ལོག་པར་ལྟ་བའི་རིགས་སུ་ནི། སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་ པ་ཉིད་ལ་སྐྱེ་ཤིའང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་སེམས་སྟོང་པ་ཡིན་པར་ཚོར་ན། སེམས་དེ་ལ་ཞེན་ཏེ་ཕྱོགས་པས་ལྷ་ཚེ་རིང་པོ་ཡོད་ མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་གནས་སུ་སྐྱེས་ཏེ། བྱང་ཆུབ་ཀྱི་སེམས་ནི། འཚོལ། ཤེས་པ་མཐོང་བ་ནི། བརླབ་དེའི་མིང་ནི། དྲུག་སྟེ། སེམས་ལ་སྟོང་པར་འཛིན་པས་སྟོང་པའི་ འབྲས་བུ་ཐོབ་སྟེ་མྱ་ངན་ལས་འདས་པ་ལ་ནི། རྒྱབ་ཀྱིས་ཕྱོགས་འཆད་ཅིང་འགོག་པའི་རིགས་སུ་ནི༑ སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་ [450B] མི་སྐྱེ་མི་ཤི་ཞི་བ་ལ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ལུས་ལ་རྟག་པར་འཛིན་ཏེ། ལུས་དེ་མི་འཆི་མི་འཆད་ཅེས་ཟེར་ཏོ། སེམས་ དེ་ལ་ཞེན་པས་བརྐམ་པ་དང་བརྐམ་པ་མ་ཡིན་པ་ཨ་སི་ཏ་ཚེ་རིང་པོ་ཚོལ་བའི་འཁོར་དུ་སྐྱེས་ཏེ། བྱང་ཆུབ་ཀྱི་སེམས་ནི། འཚོལ་ཤེས་པར་ལྟ་བ་ནི། བརླག་དེ་ནི། བདུན་ཏེ། ཚེ་ལ་ ཆགས་པའི་མི་བདེན་པའི་རྒྱུས་ལྷ་ཚེ་རིང་པོའི་འབྲས་བུ་རྫོགས་ཏེ་མྱ་ངན་ལས་འདས་པ་ལ་ནི། རྒྱབ་ཀྱིས་ཕྱོགས། མི་དབེན་པའི་ཚེ་རིང་པོའི་འཁོར་དུ་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤིའང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཚེ་ལ་ཐོགས་པ་མེད་པ་ཐོབ་སྟེ་མྱ་ངན་ཟད་ཀྱིས་ དོགས་ནས་པདྨོའི་གདན་དང། རིན་པོ་ཆེ་སྣ་བདུན་གྱི་ཁང་ཁྱིམ་མང་དུ་བརྫུས་ཏེ། སེམས་ཅི་འདོད་པས་བཞིན་དུ་སྤྱད་ནས་དེ་ཞེན་པའི་ཕྱིར་ཡང་དག་པ་དང། ཡང་དག་པ་མ་ཡིན་པ་ཏ་ ཏི་ཀ་ལའི་འཁོར་དུ་གྱུར་ཏེ་བྱང་ཆུབ་ཀྱི་སེམས་ནི། འཚོལ། ཤེས་པ་མཐོང་བ་ནི། བརླག་དེ་བརྒྱད་དེ། སེམས་ཡོད་པོས་ནི། རྒྱུ་བྱས་ཤིན་ཏུ་རྒྱས་པའི་སྤྱོད་ཡུལ་ནི། ཐོབ། མྱ་ངན་ ལས་འདས་པ་ལ་ནི། རྒྱབ་ཀྱིས་ཕྱོགས། ལྷའི་བདུད་ཀྱི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤིའང་འགོག་སྟེ། མི་སྐྱེ་ [451A]༄༅། །མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཆེ་སྣང་བའི་ནང་ན་སྤྱོད་ཡུལ་མེད་པར་སྣང་བ་བསལ་ཏེ། བདེན་མི་དབེན་དང། རྒྱུ་དང་འབྲས་བུ་བསལ་ ཕོད་ཅིང་ཡང་དག་པའི་གཙང་གདང་བའི་ལམ་ལ་ནི། རྒྱབ་ཀྱིས་ཕྱོགས། ཉོན་མོངས་པ་ནི། ཐོང་འདུ་བ་ནི། བཅད། འགོག་པ་ནི་རིག། ལམ་ནི། བསྒོམས། འགོག་པ་ལ་ གནས་ཏེ། འགྲུས་འབོགས་ཀྱི་སེམས་ནི། བཏང། འགོག་པ་ལ་ནི། ཞེན་པས་ཡང་དག་པའི་ཉན་ཐོས་ཀྱི་སྡེར་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ནི་ཚོལ། ཤེས་པ་ལྟ་བ་ནི་ བརླབ་དེ་ནི། དགུ་སྟེ། སེམས་ཞི་བ་ལ་གནས་པས་ཞི་བའི་འབྲས་བུ་ནི། རྫོགས། མྱ་ངན་ལས་འདས་པ་ལ་ནི། རྒྱབ་ཀྱིས་ཕྱོགས། སྟོང་པར་འཛིན་པའི་རིགས་སུ་ནི། སྐྱེའོ། །ཡང་ རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤིའང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཡང་དག་པའི་ སེམས་ལ་གཙང་དང་བ་སྣང་གསལ་བར་ཚོར་ཏེ། དེ་ཤིན་ཏུ་བརྟགས་པས་མྱ་ངན་ལས་འདས་པའི་དོན་ཡིན་པར་འཛིན་ཏེ། འགོག་པའི་དོན་ལའང་ཤིན་ཏུ་མ་རྒྱས་པས་རང་གར་ ཕྱོགས་པ་ལ་ཕྱོགས་ཡོད་པར་འཛིན་ཏེ། རང་གི་ལུས་དང་སེམས་ཀྱང་གནས་དེ་ལ་བྱུང་ངོ་སྙམ་དུ་ཐེ་ཚོམ་དུ་གྱུར་ནས་རང་གི་ལུས་ཀྱང་ཡང་དག་པར་རྟག་པ་ཡིན་ཞེས་ཟེར་ཏེ་ [451B] མི་རྟག་ཅེས་ཟེར་བ་དེ་ལ་ཆགས་ཏེ་ལྷ་མཐུ་པོ་ཆེའི་སྡེར་གྱུར་ཏེ་བྱང་ཆུབ་ཀྱི་སེམས་ནི། འཚོལ། ཤེས་པ་མཐོང་བ་ནི། བརླབ་ དེའི་མིང་ནི། གསུམ་སེམས་ལ་གནས་པས་མི་བདེན་པའི་འབྲས་བུ་འབྱུང་བ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ལ་ནི། རྒྱབ་ཀྱིས་ཕྱོགས་ལོག་པར་རྒྱས་པའི་རིགས་སུ་ནི། གྱུར་ ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་ནི། སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤིའང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཤེས་པ་ ལ་ཤེས་པ་རྒྱས་པར་ཚོར་ནས་ཕྱོགས་བཅུའི་རྩི་ཤིང་ལའང་སེམས་ཡོད་དེ་ལ་མི་དང་མི་འདྲ་བ་མེད་པས་མི་ཤིན་ནའང་རྩི་ཤིང་དུ་གྱུར་པར་འཛིན་ཏེ། དེ་ལྟ་བུར་སེམས་ཞེན་པའི་ ཕྱིར་མུ་སྟེགས་ཤེས་པ་དང་མི་ཤེས་པར་འཛིན་པས་པ་ཏ་ས་འདིའི་སྡེར་གྱུར་ཏེ་བྱང་ཆུབ་ཀྱི་སེམས་ནི། འཚོལ། ཤེས་པ་མཐོང་བ་ནི་བརླག་དེའི་མིང་ནི། གཞིར་རྒྱས་པར་ ཤེས་པའི་སེམས་ཀྱི་མི་བདེན་པའི་འབྲས་བུ་རྫོགས་ཞེས་བྱ་བ་ཡིན་མྱ་ངན་ལས་འདས་པ་ལ་ནི། རྒྱབ་ཀྱིས་ཕྱོགས། ལོག་པར་ཤེས་པའི་རིགས་སུ་ནི། སྐྱེའོ། །ཡང་རིགས་ ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤིའང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཤིན་ཏུ་ཞི་བ་ལ་དབང་པོ་ [452A]༄༅། །ནོར་ཅིང་སྤྱད་དུ་ཡོད་པ་ལ་རང་དབང་ཐོབ་ནས་མེའི་སྣང་བ་ཚོལ་བ་དང། ཆུ་གཙང་མ་ལ་དགའ་བ་དང། རླུང་ཀུན་འོང་འགའ་ནི། གཟུགས་པ་ཡིན་ནོ། ། ཞེས་ཟེར། འོར་འགའ་ནི། གཟུགས་ཡོད་དོ། །ཞེས་ཟེར་ཏེ། འོར་འགའ་ནི་གཟུགས་ང་ལ་གཏོགས་ཞེས་ཟར། འོར་འགའ་ནི། མྱ་ངན་དང་བྱང་ཆུབ་སོ་སོ་ལ་གཅིག་ལ་ གཅིག་མི་གཏོགས་སོ། །ཞེས་ཟེར་ནས་བྱང་ཆུབ་ཀྱི་སེམས་འཚོལ་ཏེ། མུར་ཐུག་ཕུང་པོ་ལྔའི་ནང་ན་ཤི་བའི་འོག་ཏུ་མཚན་མ་ཡོད་ཅེས་ཟེར་བའི་ཕྱིན་ཅི་ལོག་གི་མུ་སྟེགས་ ཀྱི་སྔེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ་བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མི་ལ་ བརྟགས་ཏེ། སྔར་གཟུགས་དང། ཚོར་བ་དང། འདུ་ཤེས་འགོག་ཟིན་པ་རྣམས་ལ་བརྟགས་ནས། དེ་རྣམས་ཐམས་ཅད་འགོག་ཟིན་པས་གཟུགས་ཡོད་དུ་ནི། གཟུགས་ཟད་ སེམས་ཡོད་དུ་ནི། འདུ་ཤེས་མེད། ཕྱི་མོ་ཡོད་དུ་ནི། ཚོར་བའི་ཕུང་པོ་ཟད། སྐྱེ་བའི་དོན་ཡོད་དུ་ནི། ཟིན་ཀྱང་ང་ལ་ད་ལྟར་གྱི་ཕུང་པོའང་མེད། རྩྭ་ཤིང་དང་འདྲ་ན་ཤི་བའི་འོག་ ཏུ་རྒྱུ་དང་འབྲས་བུའང་མེད། མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུའང་མེད། ཐམས་ཅད་ཀྱང་སྟོང་སྟེ། གྱི་ན་མིང་ཙམ་དུ་ཡོད་དུ་ཟད་ཀྱི། ངོ་བོའི་དོན་མེད་དོ། །ཞེས་ཟེར་ནས་ [452B] མུ་སྟེགས་བདུན་ཕུང་པོ་ལྔའི་ནང་ན་ཤི་བའི་འོག་ཏུ་མཚན་མ་མེད་ཅེས་ཟེར་བའི་ཕྱིན་ཅི་ལོག་གི་མུ་སྟེགས་ཀྱི་སྡེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ ནས་རིགས་ཀྱི་བུ་རྣམས་སེམས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ་བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ཏེ། ཚོར་བ་དང། འདུ་ཤེས་ཀྱི་ཕུང་པོ་གཉིས་ ཀ་འགོག་པར་མཐོང་ནས་གཅིག་ལ་གཅིག་གིས་གཞིག་ཅིང། ཤི་བའི་འོག་ཏུ་གཉིས་ཀ་མ་ཡིན་ཞེས་ཟེར་བའི་མུ་སྟེགས་སུ་གྱུར་ཏེ། གཟུགས་དང་ཚོར་བ་དང། འདུ་ཤེས་ཡོད་པས་ ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་དེ། རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བར་བྱུང་ནས་རྫོགས་པར་སྣང་བ་ལ་སྲེད་དེ་ཏིང་ངེ་འཛིན་གྱིས་ཐབས་བསྐམས་ནས་ལྷའི་བདུད་ཀྱིས་གླགས་རྙེད་དེ་ཁར་ཞུགས་ནས་ ཆོས་འཆད་མཁས་ཤིང་ལུས་ཀྱང་སྣ་ཚོགས་པར་བསྒྱུར། མུན་པའི་ནང་འོད་ཀྱང་གཏོང་ནུས་ཏེ། ཡུལ་ཁ་ཅིག་ཏུ་ནི། མི་འདི་ཞེས་བྱ་བ་ཞིག་སངས་རྒྱས་སུ་མངོན་པར་གྲུབ་བོ། །ཡུལ་འདི་ནི་ བསྐལ་བ་རྣམ་གསུམ་མ་བྱུང། སངས་རྒྱས་ཀྱིས་གསུངས་པའི་ཚུལ་ཁྲིམས་ཀྱང་གྲོལ་གཅིག་ཅེས་བསྒོ་ཞིང་འདོད་ཅིང་སྲེད་པའི་ཆོས་ཤ་སྟག་བཤད་ནས་འཇུངས་པའི་འདྲེ་དེ་ལུས་ལ་ འཕགས་མ་ཐག་ཏུ་སློབ་མ་དང་བཅས་ཏེ་རྒྱལ་པོའི་གྱོད་ལ་ཡང་ཐོགས་མཚམས་མེད་པའི་དམྱལ་བར་ཡང་ལྟུང་ངོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཚོར་བ་ཤིན་ཏུ་གསོག་ནས་རྫོགས་ [453A]༄༅། །པའི་ཏིང་ངེ་འཛིན་གྱི་སྣང་བ་བྱུང་སྟེ། ཏིང་ངེ་འཛིན་རྒོད་པ་ལ་སྲེད་དེ། ལྷའི་བདུད་ཀྱིས་གླགས་རྙེད་དེ་ཁོང་དུ་ཞུགས་ནས་ཆོས་འཆད་མཁས་རབ་ཏུ་གྱུར་ བདག་གི་མྱ་ངན་ཟད་དོ་སྙམ་དུ་སེམས། ཆོས་འཆད་པའི་ཚེ་བདག་གི་ལུས་གསེར་གྱི་ཁ་དོག་ཏུ་གྱུར་ཏེ་རིན་པོ་ཆེའི་པདྨའི་སྟེང་ན་འདུག་ཆོས་ཉན་པའི་མི་གཞན་རྣམས་དེ་ བཞིན་དུ་གྱུར་བར་མཐོང་ནས་བདག་གིས་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་ཏེ། སེམས་གཡེང་ཞིང་ཁྲིམས་ཀྱང་བཤིག་ཉན་པའི་མི་ལ་ཁ་ཅིག་ནི། དུས་འདི་ལ་སངས་རྒྱས་སུ་ གྲུབ་བོ། །ཞེས་ལུང་སྟོན། ལ་ལ་ནི། ཡུལ་ལ་གཞན་གྱི་སངས་རྒྱས་ང་སྤྲུལ་པ་ཡིན་ནོ། །ཞེས་ཟེར། མིའོ་ཅོག་ཀྱང་དེའི་ཚིག་ལ་གུས་པར་ཉན། དེ་ནས་འདྲེ་དང་བྲལ་མ་ཐག་ཏུ་ སློབ་མ་དང་བཅས་ཏེ་རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཚོར་བ་ཤིན་ཏུ་གསོག་སྟེ་རྫོགས་པའི་ཏིང་ངེ་ འཛིན་སྣང་བའི་འོད་བྱུང་བ་དང། ཏིང་ངེ་འཛིན་གྱི་ནང་ནས་སེམས་གསལ་བ་ལ་སྲེད་པའི་ཕྱིར་ལྷའི་བདུད་ཀྱིས་གླགས་རྙེད་ནས་ཆོས་ཡིད་ལས་སྐྱེས་པའི་ལུས་ལ་བརྐམ་ པའི་ཕྱིར་སེམས་ཕྲ་མོ་མི་ཟད་པས་ལྷའི་བདུད་ཀྱིས་གླགས་ཐོད་དེ་ཁར་ཞུགས་ནས་གཞན་ལ་ཆོས་འཆད་ཅིང། བདག་ལ་བདུད་ཀྱིས་ཟུག་པར་མ་ཚོར་ནས་བདག་མྱ་ངན་ལས་ [453B][?]པ་དང་ཁྲོམ་དགོངས་བྲྒྱའམ། སྟོང་དུ་སྐད་ཅིག་གིས་ཕྱིན་ཏེ། དེ་ན་ཅི་ཡོད་པ་བླངས་ནས་གཞན་ལའང་བསྟན། བར་བར་ཡང་ ཁང་པའི་ནང་ན་རྩིག་པའི་བར་ཉེ་བ་དག་ལ་ཁ་ཅིག་དྲག་རབ་ཏུ་འགྲོར་བཅུག་ཀྱང་ལོར་ཡང་མི་ཕྱིན་ཏེ། ཁ་ཅིག་དེ་ལ་ཡིད་ཆེས་ནས་སངས་རྒྱས་ཡིན་ནོ་སྙམ་དུ་ཐེ་ཚོམ་དུ་གྱུར། ཁྲོ་ བ་དག་ཀྱང་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ངའི་བུ་ཡིན་ནོ་།སངས་རྒྱས་ཐམས་ཅད་ཀྱང་ཐོག་མང་ལས་སྐྱེས། ང་ནི། ཐོག་མའི་སངས་རྒྱས་ཏེ། འཇིག་རྟེན་ལས་བྱུང་བ་ཡིན་ ནོ༑ ༑དེ་ལྟར་བསྒོམས་པའི་ཕྱིར་ཐུ་བོ་ཡིན་ནོ། །ཞེས་ཀྱང་བཤད་དེ། དེ་ནི། འཇིག་རྟེན་ལ་གནས་པ་རང་དབང་ཐོབ་པའི་ལྷའི་བདུད་ཡིན་ནོ། །བདུད་དེ་ལུས་ལ་བྲལ་མ་ཐག་ཏུ་རྒྱལ་པོའི་ གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །མ་ཚོར་ན་ཉེས་པ་མེད་དོ། །མཐའ་ཡས། ཤེས་པར་གྱིས་ཤིག་བདུད་དེ་རྣམས་བཅུ་ཆོས་ཐ་མའི་ཚེ་ངའི་ཆོས་ ཀྱི་ནང་ན་རབ་ཏུ་བྱུང། སྒོམ་པའི་ཚེ་ན་བར་བར་ལུས་ལ་ཞུགས་བར་བར་ལུས་ལ་བསྟན་ཏེ་ཐམས་ཅད་ཀྱང་བླ་ན་མེད་པར་གྲུབ་བོ་།ཞེས་ཟེར་ཏེ། གཡེམ་པ་ལ་ནི། བསྟོད། སངས་ རྒྱས་ཀྱི་ཚུལ་ཁྲིམས་ནི། བཤིག་བདུད་ཀྱི་མཁན་པོ་དང། བདུད་ཀྱི་སློབ་མ་གཅིག་ལ་གཅིག་གཡེམ་པའི་ཆོས་སློབ་ཅིང་སེམས་དེ་ལ་ཚོར་ཏེ་ཆགས་ན། ཉེ་ན་ནི། རབས་དགུ་ [454A]༄༅། །རིང་ན་ནི། རབས་བརྒྱ་ཆོས་ཡང་དག་པར་སྤྱད་པ་རྣམས་ཀྱང་ཐམས་ཅད་ཚེ་འཕོས་ནས་ཐམས་ཅད་བདུད་དུ་གྱུར་ཏེ་ཡང་དག་པའི་ལམ་བརླགས་ནས་མཚམས་ མེད་པར་འགྲོའོ། །མཐའ་ཡས། ཁྱོད་མྱ་ངན་ལས་མ་འདས་པར་སེམས་ཅན་རྣམས་ལ་དོན་སྟོན་པ་ཡིན་ནོ། །བདུད་ཀྱི་སྟོབས་ཀྱིས་འདོད་ཆགས་ཀྱི་དོན་བཤད་དེ། སངས་རྒྱས་ ཀྱི་ཁྲིམས་བཤིག་ནས་རྩྭ་དང། ཤིང་རྣམས་ལ་ཟ་སྟེ། ཆོས་སྤྱད་པ་ལ་མི་རྟག་པས་འོར་འགའ་ཅི་སྤྱད། འོར་འགའ་ཅི་སྤྱད་བདུད་དེ་ལུས་ལ་འཕགས་མ་ཐག་ཏུ་སློབ་མ་ དང་བཅས་སུ་རྒྱལ་པོའི་གྱོད་ལའང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ནི། ཉེས་པ་མེད་དོ། །ཡང་རིགས་ཀྱི་བུ་ཚོར་བའི་ཕུང་པོ་ཤིན་ཏུ་བསགས་ ནས་ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་ཅིང། རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བས་ཏིང་ངེ་འཛིན་སྒོམ་པའི་ཚེ་སེམས་རྫུ་འཕྲུལ་སྣ་ཚོགས་ཐོགས་པ་མེད་པ་ལ་སྲེད་དེ་ ལྷའི་བདུད་ཀྱིས་གླགས་ཐོད་ནས་ཁར་ཞུགས་ཏེ་ཆོས་འཆད་པ་ལ་མཁས་ཤིང། བདག་བདུད་ཀྱིས་ཟུག་པར་མ་ཚོར་ནས་མྱ་ངན་ལས་འདས་སོ་སྙམ་དུ་བསམ་ནས་ཆོས་ འཆད་པའི་ཚེ་ལག་པ་ན་མེ་མར་འཛིན་ཅིང། ཉན་པ་རྣམས་ལ་འོད་བཅད་ནས་ཉན་པ་རྣམས་ཀྱི་སྤྱི་བོར་འོད་བགོས་ནས་མི་དེ་རྣམས་ཀྱི་མགོ་ལ་འོད་འདོམ་དུ་མར་མཆེད་དེ་ [454B] འོར་འགའ་ཆུའི་སྟེང་ན་རྒྱུག་པ་ནི། སའི་སྟེང་ན་རྒྱུག་པ་དང་འདྲའོ། །འོར་འགའ་ནམ་མཁའ་ལ་འཕགས་ཏེ་མི་གཡོ་བར་འདུག་འོར་འགའ་ཆབ་ དོང་གི་ནང་དུ་ཞུགས་ཏེ་ལུས་སྦེད། འོར་འགའ་སྣོད་སྒྱེའུ་ནང་དུ་ཞུགས་ཏེ་ལུས་སྦེད། འོར་འགའ་སྐར་ཁུང་གི་ནང་དུ་བྱུང་སྟ་སོང་འོར་འགའ་རྩིག་པ་ལ་ཐོགས་པ་མེད་པར་སོང་ མཚོན་རྣམས་འབའ་ཞིག་ལ་རང་དབང་མ་ཐོབ་བོ། །བདག་གི་ཁ་ལ་སངས་རྒྱས་སུ་གྲུབ་ཟིན་ཏོ། །ཞེས་ཟེར་ཏེ། གོས་དཀར་པོ་གྱོན་ནས་བིཀྵུ་རྣམས་ཕྱག་འཚལ་དུ་བཅུག་སྐུར་བསླད་དེ་ གཞན་ལ་ཆོས་འཆད་ནའང་འཕྱོན་མའི་ཆོས་ཤེ་དག་བཤད་དོ་།གནམ་ས་དང། ཤིང་རྩི་དང། ཆུ་ཀླུང་དང། རིག་འཛིན་ཤི་བ་རྣམས་འདྲེར་སྐྱེས་པ་ལས་རྒལ་ཏེ་བདུད་དུ་གྱུར་པ་ ཡིན་ནོ༑ ༑བདུད་དེ་ནམ་ལུས་ལས་བྲལ་མ་ཐག་ཏུ་རྒྱལ་པོའི་གྱོད་ལའང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཡང་རིགས་ཀྱི་བུ་ཚོར་ བའི་ཕུང་པོ་ཤིན་ཏུ་བསགས་ནས་ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་དེ། རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བས་ཏིང་ངེ་འཛིན་སྒོམ་པའི་ཚེ་ཤིན་ཏུ་འགོག་པ་སྟོང་པ་ལ་སྲེད་དེ། ལྷའི་ བདུད་ཀྱིས་གླགས་ཐོད་དེ་ཁར་ཞུགས་ནས་གཞན་ལ་ཆོས་འཆད་པའི་ཚེ་མཁས་རབ་ནས་བདུད་ཀྱིས་བདག་ལ་ཟུག་པར་མ་ཚོར་ཏེ་བདག་མྱ་ངན་ལས་འདས་སོ་སྙམ་དུ་བསམ་ནས་ [455A]༄༅། །གཞན་ཆོས་འདྲིར་འོངས་ནས་ཆོས་འཆད་པའི་ཚེའང་བདག་གིས་ལུས་སྟོང་པར་བྱས་ནས་གཞན་གྱིས་མི་མཐོང་བར་གྱུར་ཏེ། རེ་ཞིག་སྟོང་པའི་ནང་ ནས་གློ་བུར་དུ་བྱུང་སྟེ། བྱུང་བ་དང། སྤ་བ་དང། རང་དབང་ཐོབ་པར་གྱུར་ནས་བར་བར་ཡང་ལུས་མཆིང་བུ་བཞིན་དུ་ཕྱི་ནང་ཐལ་བར་བསྟན། བར་བར་ནི། རྐང་ལག་ཕྱག་ན་ ཙནྡན་བསུང། བར་བར་ནི། གཅིན་དང་ངན་སྐྱུག་ཀྱང་དཔར་ན་ཤ་ཁར་སྟུག་པོ་དང་འདྲ། ཚུལ་ཁྲིམས་ལ་སྐུར། དགེ་སློང་ལ་སྨད་ལས་ཅི་བྱས་པའི་ལན་མེད་ཅེས་ཀྱང་ བཤད༑ ལུས་དེར་ཤི་ན་ཡེ་དེར་ཟད་དེ། ཕྱི་མའི་ལུས་ནོར་དུའང་མེད་དོ། །ཞེས་ཟེར་ཏེ། མི་ཐ་མལ་པ་དང་འཕགས་པ་དང་ཡང་འདྲའོ་།ཞེས་བཤད་དོ། །ཁོ་བོ་དག་ནི། ཕྱིན་ ཅི་ལོག་ཏུ་ཆགས་པ་དང་གཡེམ་པའང་སྤྱད། གཞན་ལ་ཆོས་བཤད་པའི་ཚེ་སློབ་མ་རྣམས་ཀྱང་སྟོང་པའི་སེམས་ཀྱང་ཐོབ་ཅེས་ཟེར་ཏེ། བདུད་དེ་ལུས་ལས་བྲལ་མ་ཐག་ཏུ་ རྒྱལ་པོའི་གྱོད་ལའང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་བ་ཉེས་པ་མེད་དོ། །ཡང་རིགས་ཀྱི་བུ་ཚོར་བའི་ཕུང་པོ་ཤིན་ཏུ་བསགས་ནས་ལོག་པའི་ ཏིང་ངེ་འཛིན་དང་མི་ཕྲད་དེ། རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བས་ཏིང་ངེ་འཛིན་སྒོམ་པའི་ཚེ་སེམས་ཚེ་རིང་བ་དང་ཆེན་པོ་བཞིའི་ལུས་བོར་ནས་འགྲུས་འགོགས་ [455B]སངས་རྒྱས་ཀྱི་སྡེར་གྱུར་ཏོ། །བྱང་ཆུབ་ཀྱི་སེམས་ནི། འཚོལ་ཤེས་པ་ལྟ་བ་ནི། བརླག་དེ་བཅུ་སྟེ། རྒྱས་པར་ ཚོར་བ་སྙོམས་པས་མི་གཡོ་བ་སྣང་བའི་འབྲས་བུ་རྫོགས། མྱ་ངན་ལས་འདས་པ་ལ་ནི། རྒྱབ་ཀྱིས་ཕྱོགས། ཚོར་བ་རྒྱས་པར་སྣང་བ་གཞན་ལ་མི་འཆོས་པའི་རིགས་སུ་སྐྱེའོ། ། མཐའ་ཡས། ཏིང་ངེ་འཛིན་དེ་རྣམས་བཅུ་ནི། མོས་པའི་རྒྱུར་འགྱུར་ཏེ། མཆོག་པ་ལ་ཆོག་པར་རིག་སྟེ། དེ་ཐམས་ཅད་རྣམ་པར་ཤེས་པ་སེམས་མཐོན་དམན་དུ་གྱུར་པ་ལས་བྱུང་ སྟེ༑ སེམས་ཅན་མ་རབས་རང་གི་ཚོད་མ་རིག་ནས་བདག་ཅི་ལ་སྲིད་པ་བཞིན་དུ་སེམས་ཀྱི་བག་ཆགས་དེ་ལ་གནས་ཤིང་འཁོར་བ་མ་ཤེས་ནས་ཡང་དག་པར་བདག་གིས་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲུབ་བོ་སྙམ་དུ་འཛིན་པས་ནི། རྫུན་ཆེན་པོར་གྱུར་ཏེ། མུ་སྟེགས་དང། བདུད་དང་ལོག་པར་ལྟ་བའི་གནས་སུ་ནི། སྐྱེའོ། །དེ་རྣམས་ ཀྱི་ལས་ཟད་ནས་མཚམས་མེད་པར་འགྲོའོ། །ངའི་དོན་འདི་མ་འོངས་པའི་སེམས་ཅན་ལ་སྟོན་ལ། དེ་ལ་ཤིན་ཏུ་བྱེ་བྲག་ཕྱེད་པར་བགྱིས་ཏེ། བདུད་རྣམས་ཀྱི་ལས་མི་བྱེད་ཅིང། སེམས་ དང་ལུས་སངས་རྒྱས་ཀྱི་ཤེས་པ་མཐོང་བའི་ནང་དུ་བཅུག་སྟེ་ཐོག་མ་དང་ཐ་མའི་བར་དུ་ལོག་པའི་ལམ་དང་མི་ཕྲད་པར་གྱིས་ཤིག་སྔ་མ་འདས་པའི་སངས་རྒྱས་བྱེ་མ་སྙེད་ཐམས་ཅད་ [456A]༄༅། །ཀྱང་ཆོས་ཀྱི་སྒོ་མོ་འདི་བཞིན་དུ་བསྒོམས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་གྲུབ་བོ། །རྣམ་པར་ཤེས་པའི་ཕུང་པོ་ཟད་ན་སྒོ་དྲུག་བསྣོར་ཞིང་སྤྱད་དུ་ ཡོད་དོ༑ ༑མིག་གི་སྒོ་མོ་ལ་སྒྲར་ཐོས་རོ་མྱང་གསུང་ཡང་ཚོར་བར་ནུས་སོ། །དེ་ནས་བྱང་ཆུབ་རྡོ་རྗེ་ཤེས་རབ་སྒོམ་པའི་གནས་སུ་གྱུར་ཏེ་སྣང་གསལ་ཞིང་ཞི་ལ་སྣང་བ་བྱུང་བ་ལ་ གློ་བུར་དུ་སྙིང་རྗེ་གྲངས་མེད་པ་སྐྱེས་ཏེ། ཐ་མ་གྲོགས་མཐོང་ནའང་བདག་གི་བུ་ཙམ་དུ་སེམས་ཤིང་མཆི་མ་མི་ཚོར་བར་ཟག་གོ་།དེ་ལ་ཚོར་ན་ནི། ཉེས་པ་མེད་དེ། རིང་ཞིག་ན་རང་ ཞིའོ༑ ༑མ་ཚོར་ན་ནི། སྙིང་རྗེའི་བདུད་ཁོང་དུ་ཞུགས་ཏེ་མི་དག་དང་ཕྲད་ནའང་གྲངས་མེད་པའི་མྱ་ངན་སྐྱེས་ཏེ་ཡོན་པོར་ལྷུང་ངོ། །དེ་ནི། སེམས་བཙིར་ཅིང་སྤྱད་དྲགས་པ་ལས་བྱུང་ ངོ། །ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་ཚོར་བའི་ཕུང་པོ་སྣང་ཞིང་གསལ། དམ་པའི་ལྟས་ནི། མདུན་དུ་བྱུང་ནས་སེམས་ལ་པབས་པས། གློ་བུར་དུ་བརྩོན་ འགྲུས་དྲག་པོ་རབ་ཏུ་སྐྱེས་ཏེ། སངས་རྒྱས་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སྤྱད་པ་ཐང་གཅིག་ཏུ་སྒྲུབ་ནུས་པར་གྱུར་ཏེ། དེ་ལ་ཚོར་ན་ནི། ཉེས་པ་མེད་དོ། །རིང་ཞིག་ ན་ཞི་མ་ཚོར་ན་ནི། སྨྱོས་པའི་བདུད་ཁོང་དུ་ཞུགས་ཏེ་ཕྲད་དོ་ཅོག་ལ་ངོམ་ཞིང་ང་རྒྱལ་ཆེན་པོ་སྐྱེས་ཏེ་ལོག་པར་གྱུར། དེ་ནི་སྤྱད་དྲགས་པ་ལས་བྱུང་བར་ཟད་དོ། །ཏིང་ངེ་འཛིན་དེའི་ནང་ [456B] ཞི། ཚོར་བའི་ཕུང་པོ་ནི་སྣང་ཞིང་གསལ་ཏེ། མདུན་དུ་གསར་དུ་མཐོང་བ་ནི། མེད། ཕྱི་ལགས་ན། རྙིང་པའི་གནས་ཀྱང་མ་རྙེད་ནས་ཅིར་ཡང་མཐོང་བ་མེད་དེ་ བར་མ་དོར་འདུག་པ་ལས་གློ་བུར་དུ་བརྐམ་པ་དང། སྐོམ་པ་ཆེར་གཡོས་ནས་སེམས་བྱིང་སྟེ། བརྩོན་འགྲུས་ཀྱི་མཚན་མ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ནི། ཤེས་རབ་མེད་པའི་ཕྱིར་ དོན་བརླག་སྟེ། དེ་ལ་ཚོར་ན་ནི། ཉེས་པ་མེད། མ་ཚོར་ན་ནི། དྲན་པ་མེད་པའི་བདུད་ཁོང་དུ་ཞུགས་ཏེ། སེམས་ཐུམ་བུ་གཅིག་ཏུ་བྱས་ནས་ཡོན་པོར་ལྟུང་ངོ། །ཏིང་ངེ་འཛིན་དེའི་ནང་ནས་ གཟུགས་ཀྱི་ཕུང་པོ་ནི། ཞི། ཚོར་བའི་ཕུང་པོ་ནི། སྣང་ཞིང་གསལ་ཏེ་བརྩོན་འགྲུས་ཆེར་གཡོས་ནས་དམ་པའི་སེམས་ནི། ཞིག། བདག་རང་བཻ་རོ་ཙ་ན་ཡིན་ནོ་སྙམ་དུ་ཐེ་ཚོམ་སྐྱེས་ ནས་ཅུང་ཞིག་གིས་མགུ་སྟེ། དེ་ནི། སེམས་སྤྱོད་པ་རྩིང་པ་ལས་བྱུང་ངོ། །དེ་ལ་ཚོར་ན་ནི། ཉེས་པ་མེད། མ་ཚོར་ན་ནི། ཆོག་ཤེས་པའི་བདུད་ཁོང་དུ་ཞུགས་ཏེ་ཡོན་པོར་ལྟུང་ངོ། །ཏིང་ངེ་ འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི། ཚོར་བའི་ཕུང་པོ་ནི། སྣང་ཞིང་གསལ་ཏེ། གསར་དུ་ཐོབ་པ་མེད། རྙིང་པ་ནི་སྟོར་ནས་བར་མ་དོན་འདུག་པ་ལས་གྲང་བའི་མྱ་ངན་བྱུང་སྟེ་ ལྕགས་ཀྱི་ཁྲི་ཚ་བའི་སྟེང་ན་ཉལ་བ་དང། དུག་འཐུངས་པ་ཙམ་དུ་མི་དགའ་ནས་འཆི་འདོད་ཅིང་གཞན་ལ་གསོད་པར་འཚོལ། རང་གི་ཤ་ལ་གཅོད་དེ། དེ་སྟེ་མ་ཤི་ནའང་རི་དང་ཚལ་ [457A]༄༅། །ལ་སོགས་པ་མི་གཅིག་དང་ཡང་མི་ཕྲད་པའི་གནས་སུ་བྲོས་འདོད་དེ། དེ་ལ་ཚོར་ན་ནི། ཉེས་པ་མེད། མ་ཚོར་ན་མྱ་ངན་བྱེད་པའི་བདུད་ཁོང་དུ་ཞུགས་ཏེ་ མཐའ་མར་རང་གསོད་པར་བྱེད་དོ། །དེ་ནི། སེམས་བསྒོམས་པའི་ཐབས་སྟོར་བ་ལས་བྱུང་བར་ཟད་དོ། །ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང། ཚོར་བའི་ཕུང་ པོ་ནི། སྣང་ཞིང་གསལ་ཏེ། བདག་གཙང་གདང་བའི་ནང་ན་འདུག་ཅིང་བདེ་བར་གྱུར་ནས་གློ་བུར་དུ་གྲངས་མེད་པའི་དགའ་བ་སྐྱེས་ཏེ། དེའི་མིང་ནི། སེམས་ཀྱི་རང་དབང་ངོ། །དེ་ལ་ཚོར་ན་ ནི། ཉེས་པ་མེད། མ་ཚོར་ན་ནི། ཤེས་རབ་ཀྱིས་མ་ཐུབ་པ་ཡིན་ཏེ་དགའ་བའི་བདུད་ཁོང་དུ་ཞུགས་ནས་མི་དག་དང་ཕྲད་ན་རྒོད་ཅིང་གླུ་གར་ལ་སོགས་པ་བྱེད་ཅིང་ལོག་པར་ལྟུང་ ངོ། །ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང། ཚོར་བའི་ཕུང་པོ་ནི། སྣང་ཞིང་གསལ་ཏེ། གློ་བུར་དུ་ང་རྒྱལ་རྣམ་པ་བདུན་གཅིག་ཅར་གཡོས་ནས་ཕྱོགས་ བཅུའི་སངས་རྒྱས་ལའང་ཚོད་ཡོད་པར་འཛིན། ཉན་ཐོས་དང། རང་སངས་རྒྱས་ནི། ཡོད་པ་མི་རྩི་སྟེ། དེ་ནི། ལྟ་བའི་ང་རྒྱལ་ཏེ་རམ་མདའ་མེད་པའི་ཤེས་རབ་ཡིན་ཏེ། དེ་ལ་ཚོར་ན་ ནི༑ ཉེས་པ་མེད། མ་ཚོར་ན་ནི། ང་རྒྱལ་གྱི་བདུད་ཁོང་དུ་ཞུགས་ཏེ། སངས་རྒྱས་ཀྱི་ཙེ་ཏི་དང། གཟུགས་ལའང་ཕྱག་འཚལ་དུ་མི་བཏུབ། ཡོན་བདག་ལའང་འདི་དག་ནི། ཁར་བ་ [457B] ཟངས་དང། རས་དང། ཤིང་ཤུན་ལ་སོགས་པ་ཡིན་ཏེ་མཆོད་མི་དགོས། ཤའི་གཟུགས་ཡང་དག་པ་ལ་མཆོད་ཅིག་ཅེས་བསྒོས་ཏེ་མཚམས་མེད་པའི་དམྱལ་བར་ལྟུང་ངོ། ། ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང། ཚོར་བའི་ཕུང་པོ་ནི། སྣང་ཞིང་གསལ་ཏེ། སྟོང་ཞི་ཞིང་སྣང་གསལ་བའི་ནང་ནས་དོན་ཆེར་མཐོང་སྟེ། གློ་བུར་དུ་ཕྱོགས་ པའི་སེམས་ཆེར་སྐྱེས་ཏེ། སེམས་ལ་གྲངས་མེད་པའི་རང་དབང་ཆེར་སྐྱེས་ཏེ། དེ་ནི། ཤེས་རབ་ཀྱི་ཕྱིར་རང་དབང་ཅུང་ཟད་ཅིག་ཐོབ་པ་ཡིན་ཏེ། ཚོར་ན་ནི། ཉེས་པ་མེད། མ་ཚོར་ན་ནི་ རང་དབང་གི་བདུད་ཁོང་དུ་ཞུགས་ཏེ། བདག་རང་ཆོག་གང་བར་སེམས་ཤིང། ཕྱིས་འཚོལ་དུ་མི་བཏུབ་སྟེ། ཕྱིས་སེམས་གཡོས་པ་དང་སྐུར་པ་བཏབ་ན་ལོག་པར་ལྟུང་ངོ། །ཏིང་ངེ་ འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི་བར་མཐོང། ཚོར་བའི་ཕུང་པོ་ནི། སྣང་ཞིང་གསལ་ཏེ། སྣང་བ་ཞི་བ་ཐོབ་ནས་གློ་བུར་དུ་རྒྱུ་དང་འབྲས་བུ་མེད། སྟོང་པའི་དོན་མདུན་དུ་ སྣང་ངོ། །དེ་ལ་ཚོར་ན་ནི། ཉེས་པ་མེད། མ་ཚོར་ན་སྟོང་པའི་བདུད་ཁོང་དུ་ཞུགས་ཏེ། ཁྲིམས་ཐུབ་པའི་དགེ་སློང་ལ་ནི། ཐེག་པ་ཆུང་ངུ་ཡིན་ཞེས་ཟེར་ཏེ། བྱང་ཆུབ་སེམས་དཔའ་སྟོང་པའི་ དོན་ཁོང་དུ་ཆུད་ནས་ཁྲིམས་ཐུབ་པ་དང། བཤིག་པའི་གཟུགས་ག་ལ་ཡོད། ཡོན་བདག་རྣམས་ལ་ཤ་ཆང་ཟོ། རྒྱན་པོ་ལ་སོགས་པ་བྱོས་ཤིག་ཅེས་བསྒོ་འདྲེ་གདོན་གྱི་སྟོབས་ཀྱིས་ངན་ [458A]༄༅། །སྐྱུག་ཀྱང་ཟས་དང་འདྲ་བར་ཟ་ནུས་པར་འགྱུར་རོ་།ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི། ཞི། ཚོར་བའི་ཕུང་པོ་ནི། སྣང་ཞིང་གསལ་ཏེ། ཤི་ བའི་རོ་སེམས་དང་རུས་པའི་ནང་དུ་ཐལ་ནས་གློ་བུར་དུ་གྲངས་མེད་པའི་སྲེད་པའི་སེམས་གཡོས་ཏེ། སྲིད་པ་ཆེས་ནས་སྨྱོས་ཏེ་འདོད་ཆགས་སུ་གྱུར་ཏོ། །དེའི་མིང་ནི། ཏིང་ངེ་འཛིན་གྱི་ ཡུལ་བདེ་བ་ལ་ཕྱོགས་པ་ཞེས་བྱ་སྟེ། ཤེས་རབ་ཀྱིས་བདག་བསྲུང་མ་ནུས་པའི་ཕྱིར་འདོད་ཆགས་སུ་གྱུར་ཏེ། དེ་ལ་ཚོར་ན་ནི། ཉེས་པ་མེད། མཚོར་ན་འདོད་ཆགས་ཀྱི་བདུད་ཁོང་དུ་ ཞུགས་ཏེ། འདོད་ཆགས་འབའ་ཞིག་བྱང་ཆུབ་ཀྱི་ལམ་ཡིན་གྱི། མི་ཚངས་པར་སྤྱོད་ནའང་མཉམ་པར་སྤྱོད་ཅིག་ཅེས་སྐྱེ་བོ་རྣམས་ལ་ལོག་པར་འཆད་པས། རྒྱལ་པོའི་གྱོད་ལའང་ ཐོགས་ཤིང། མཚམས་མེད་པར་ཡང་ལྟུང་ངོ། །ཏིང་ངེ་འཛིན་གྱི་སེམས་དེ་རྣམ་པ་བཅུ་ནི། སེམས་ཀྱི་སྤྱོད་པ་མཐོ་ན་དམན་དུ་གྱུར་པས་ཚོར་བའི་ཕུང་པོའི་དོན་སྣང་བར་ཟད་དེ་ དགེ་བའི་ལྟས་ནི། ཡིན། འཕགས་པའི་འབྲས་བུ་ནི། མ་ཡིན་ཏེ། དེ་ལ་ཆགས་ན་ནི། བདུད་ཀྱིས་གླགས་ཐོད་དེ་ལོག་པར་ལྟུང་བར་འགྱུར་ཚོར་ན་ནི། ཉེས་པ་མེད་དོ། །རིགས་ ཀྱི་བུ་ཏིང་ངེ་འཛིན་སྒོམ་པ་དེ་ཚོར་བའི་ཕུང་པོ་ཟད་པ་དང་ཟད་པ་མ་ཟད་མོད་ཀྱི། སེམས་ལུས་དང་བྲལ་ཏེ། དཔེར་ན། བྱ་རྒྱས་ཟིན་པ་ལས་ཐར་པ་དང་འདྲ་སྟེ། བདག་གི་དོན་ཀྱང་ [458B] ༑ཐ་མལ་པའི་ལུས་དེ་བྱང་ཆུབ་སེམས་དཔའི་གྲལ་དྲུག་ཅུ་ཀུན་ཏུ་རྒྱུ་ཞིང་ཡིད་ལ་སྐྱེས་པའི་ལུས་ཐོབ་སྟེ་གར་འགྲོ་ཡང་ཐོགས་པ་མེད་དེ། དཔེར་ན། མི་གདོལ་པ་དང་མཚུངས་ ཤེས་རབ་གཞན་མེད་མོད་ཀྱི་སྨྲ་བའི་རིགས་མི་འཁྲུལ་ཏེ། མ་ལོག་པར་མི་ཀུན་གྱིས་བརྡ་ཕྲད་དོ། །དེའི་མིང་ནི། འདུ་ཤེས་ཀྱི་ཁང་ཁྱིམ་ཞེས་བྱའོ། །གཡོ་བ་དྲན་པའི་སེམས་ཟད་དོ། །མི་ བདེན་པའི་སྟེང་རིམ་ཞུ་ཞིང་བྱང་ན་སྣང་ཞིང་ཚོར་བའི་སེམས་ལ་དཔེར་དྲི་མ་དང་རྡུལ་མེད་པར་སོང་བ་དང་འདྲ་སྟེ། སྐྱེ་ཤིའི་དོན་མགོ་འཇུག་ཏུ་རྫོགས་པར་སྣང་སྟེ། དེའི་མིང་ནི། འདུ་ ཤེས་ཀྱི་ཕུང་པོ་ཟད་པ་ཡིན་ཏེ། ཉོན་མོངས་པའི་རྙོག་པ་ལས་འདས་སོ། །དེ་ནི། མི་བདེན་པའི་སེམས་ཞི་ན་ཐོགས་པ་མེད་པ་ལས་བྱུང་བར་ཟད་དོ། །རིགས་ཀྱི་བུ་དེས་ཚོར་བའི་ཕུང་ པོ་ཤིན་ཏུ་གསོག་པ་ལ་ཡོད་པ་མ་ཡིན་པར་ལྟ། འདུ་བྱེད་ནི་རྟག་པ་མེད་པ་ལ་མེད་པ་མ་ཡིན་པར་ལྟ། དེ་དེ་བཞིན་དུ་ཀུན་ལ་བརྟགས་ཏེ་ཤི་བའི་འོག་ཏུ་ཕྱི་མའི་རབས་མེད་དོ། ། ཞེས་བལྟས་ནས་བྱང་ཆུབ་ཀྱི་སེམས་འཆོལ་ཏེ་མུ་སྟེགས་བརྒྱད་པོ་ཕུང་པོ་ལྔའི་ནང་ནས་ཤི་བའི་འོག་ཏུ་གང་ནའང་མ་ཡིན་ཞེས་ཟེར་བའི་ཕྱིར་ཕྱིན་ཅི་ལོག་གི་སྡེར་གྱུར་ཏོ། །ཡང་ཏིང་ངེ་ འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་དྲང་པོ་མི་གཡོ་བའི་ཉི་དེ་འཛིན་དུ་ཞུགས་ཏེ་བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོའི་ལ་བརྟགས་ཏེ་ཐ་མ་སྐྱེ་བ་མེད་དོ། །ཞེས་བསམ་ [459A]༄༅། །ནས་དེ་ལ་ནོར་བའི་ཕྱིར་མུ་སྟེགས་རྣམ་པ་བདུན་ཆད་པར་ལྟ་བར་གྱུར་ཏོ། །ལུས་འགོག་པའི་འོག་ཏུ་འདོད་པའང་འགོག། སྡུག་བསྔལ་ཡང་འགོག་ ཤིན་ཏུ་དགའ་བའང་འགོག་ཤིན་ཏུ་བཏང་སྙོམས་ཀྱང་འགོག་ཡན་དམན་དུ་ཞིབ་ཏུ་བརྟགས་ནས་ཤི་ཟིན་པའི་འོག་ཏུ་སྐྱེ་བའང་ཅང་མེད་དོ། །ཞེས་ཟེར་རོ། །བྱང་ཆུབ་ཀྱི་སེམས་ ནི༑ འཆོལ་ནས་མུ་སྟེགས་དགུར་ཕུང་པོ་ལྔའི་ནང་ན་ཤི་བའི་འོག་ཏུ་ཆད་པར་ལྟ་བའི་ཕྱིན་ཅི་ལོག་གི་མུ་སྟེགས་ཀྱི་སྡེར་གྱུར་ཏོ་།ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་ རྣམས་སེམས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ་བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ཏེ་ཐ་མ་སྐྱེ་བ་ཡོད་པར་འཛིན་པའི་མུ་སྟེགས་རྣམས་ མྱ་ངན་ལས་འདས་པའི་སྡེར་གྱུར་ཏོ། །འདོད་པའི་ཁམས་ལ་ཡང་དག་པར་གནས་འཕོ་བའི་ས་ཡིན་པར་ཚོར་ཏེ་སྲིད་པར་གྱུར་ཏོ། །བསམ་གཏན་དང་པོ་ལ་མྱ་ངན་མེད་པའི་ཕྱིར་ བསམ་གཏན་གཉིས་པ་ལ་སྡུག་བསྔལ་མེད་པའི་ཕྱིར། བསམ་གཏན་གསུམ་པ་ལ་ཤིན་ཏུ་དགའ་བའི་ཕྱིར། བསམ་གཏན་བཞི་པ་ལ་བདེ་བ་དང་སྡུག་བསྔལ་གཉིས་ཀ་ མེད་དེ༑ སྐྱེ་ཤི་མེད་པ་འཛིན་པའི་ཕྱིར་ཟག་པ་ཡོད་པའི་ལྷ་རྣམས་ལ་འདུས་མ་བྱས་མི་རྟག་ཅེས་ཀྱང་འཛིན། བཞིར་ནི། མི་དེ་འདུ་ཤེས་ཀྱི་ཕུང་པོ་ནི། ཟད་པར་འཛིན། འདུ་བྱེད་ཀྱི་ [459B] ཡོད་པར་མཐོང་བས་ན། གཟུགས་ཀྱི་ཕུང་པོ་དང། ཚོར་བའི་ཕུང་པོ་དང། འདུ་ཤེས་ཀྱི་ཕུང་པོ་ནི། མི་རྟག་།འདུ་བྱེད་ཀྱི་ཕུང་པོ་ནི། རྟག་པར་འཛིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ནི་ འཆོལ་ཏེ་མུ་སྟེགས་གསུམ་ཆ་གཅིག་རྟག་ཆ་གཅིག་མི་རྟག་པའི་སྡེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་དྲང་པ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ་ བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ན། སེམས་གཡོ་ཞིང་འདུག་ཏུ་མི་རུང་བའི་ཕྱིར་སེམས་མཐའ་ཡོད་པ་དང་མཐའ་མེད་པའི་སེམས་རྣམ་པ་བཞི་གཡོས་སོ། །གཅིག་ཏུ་ སྐྱེ་ཤི་མི་འཆད་པའི་ཕྱིར་འདིར་སྐྱེས་པ་ལས་ཤི་བ་དེ་ནི་མཐའ་ཡོད་པ་ཡིན་ཏེ། སེམས་ལ་བར་ཆད་མེད་པའི་ཕྱིར་མཐའ་མེད་པ་ཡིན། གཉིས་སུ་ནི། མི་དེས་བསྐལ་པ་བརྒྱད་ཁྲི་ཚུན་ཆད་བརྟགས་ ན་སེམས་ཅན་ཡོད་པར་མཐོང་བ་ནི། མཐའ་སོད་པར་འཛིན། བསྐལ་བ་བརྒྱད་ཁྲི་ཕན་ཆད་བརྟགས་ན་ཅིའང་མ་མཐོང་བ་ནི། མཐའ་མེད་པར་འཛིན། གསུམ་དུ་ནི། མི་དེ་ངས་ཐམས་ཅད་ཤེས་ སོ༑ ༑ཞེས་འཛིན་པའི་ཕྱིར་ཉིད་མཐའ་ཡས་པར་མཐོང་སྟེ། སེམས་ཅན་ཐམས་ཅད་ངའི་ཤེས་པའི་ནང་ནས་སྣང། ང་ནི། མི་རྣམས་ཀྱི་མིང་དང་རུས་གནའ་ནས་ཀྱང་མི་ཤེས་བཞིན་ནི། མི་དེ་ འདུ་བྱེད་ཀྱི་ཕུང་པོ་སྟོང་པར་འཛིན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཕྱེད་ནི། སྐྱེ་བར་མཐོང། ཕྱད་ནི། འགོག་པར་མཐོང། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་འཆོལ་ཏེ་མུ་སྟེགས་བཞི་ [460A]༄༅། །ཕྱེད་མཐའ་ཡོད། ཕྱེད་མཐའ་མེད་པའི་སྡེར་གྱུར་ཏོ་།ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་དྲང་པོ་མི་གཡོ་བའི་ཏིང་ངེས་འཛིན་དུ་ཞུགས་ཏེ་བདུད་ ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ནས་སེམས་གཡོ་ཞིང་འདུག་ཏུ་མི་བཏུབ་པའི་ཕྱིར་ཤེས་པ་མཐོང་བའི་སེམས་ལ་ཕྱིན་ཅི་ལོག་རྣམ་པ་བཞིའི་སེམས་གཡོས་སོ། ། གཅིག་ཏུ་ན་རྫུ་འཕྲུལ་གྱི་དོན་མཐོང་བ་དང། ཐམས་ཅད་མི་རྟག་གོ་ཞེས་ཀྱང་ཟེར། མཚན་མ་རྒྱུན་མི་འཆད་པར་མཐོང་ན་རྟག་ཅེས་ཟེར། མཐོང་བའི་གནས་མཐོང་ན་སྐྱེའོ། །ཞེས་ཀྱང་ ཟེར༑ མཐོང་བའི་གནས་མ་མཐོང་ན་འགོག་པ་ཞེས་ཀྱང་ཟེར། མི་ཆོས་འདྲིར་འོངས་ན་སྐྱེ་བའང་མ་ཡིན། འགོག་པའང་མ་ཡིན། ཡོད་པའང་མ་ཡིན། མེད་པའང་མ་ཡིན། འཕེལ་ པའང་མ་ཡིན། འགྲིབ་པའང་མ་ཡིན་ཞེས་དེ་སྐད་ཤ་སྟག་ཟེར་ཏེ་ཚིག་ཏུའང་མི་རུང་ངོ། །གཉིས་སུ་ན་སེམས་ལ་བརྟགས་ན་སེམས་མ་རྙེད་པའི་ཕྱིར་མི་ཆོས་འདྲིར་འོངས་ནས་གཞན་མི་ འཆད་ཀྱི། མེད་ཅེས་ཟེར་པའི་ཚིག་འབའ་ཞིག་བཤད་དོ། །གསུམ་དུ་ན་རང་གི་སེམས་ལ་བརྟགས་པ་དང། སེམས་ཀྱི་གནས་ཡོད་པའི་ཕྱིར་མཐོང་བའི་ཕྱིར་མི་དེ་ཆོས་འདྲིར་འོངས་ན་དེ་ ཡིན་ཞེས་འཆད་ཀྱི། གཞན་མི་བཤད་དོ། །བཞིར་ནི་མི་དེས་ཡོད་པའི་ཡུལ་ཡང་མཐོང། མེད་པའི་ཡུལ་ཡང་མཐོང། མི་དེ་ཆོས་འདྲིར་འོངས་ན་ལན་བཏབ་པ་ཡོད་པའི་ནང་ནའང་མེད་ [460B] ༑མེད་པའི་ནང་ནའང་ཡོད་པའོ་དེ་སྐད་ཤ་སྟག་ཟེར་ཏེ། ཆོས་འདྲི་བའི་ཁའང་མེད་ནས་བདག་རང་བྱང་ཆུབ་སེམས་ནི་འཆོལ། མུ་སྟེགས་ལྟར་ལོག་པ་རྣམ་པ་བཞིའི་སྡེར་གྱུར་ཏོ། །ཡང་ཏིང་ ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བ་རྣམས་ཀྱི་ཕྱི་མོ་ལ་བརྟགས་ཏེ། སེམས་གཡོ་ཞིང་ཁོང་དུ་མི་ བཏུབ་ནས་གཡོ་བའི་སེམས་མཐའ་མེད་དོ། །ཞེས་འཛིན་ཏེ། ཤི་བའི་འོག་ཏུ་མཚན་མ་ཡོད་དོ། །ཞེས་ཟེར་བའི་མུ་སྟེག་སུ་གྱུར་ཅིང་ཁའང་ཡོང་ཡང་ནག་བཞད་ཡང་དཀར། བསྐལ་ པ་ཁྲི་ཕྲག་གི་བར་དུ་བསྒྱུར་པ་ལས་བལྟས་ན་རྒྱུ་རྐྱེན་ཡང་མེད་པ་ཡིན་ནོ། །ཞེས་ཟེར་ཏེ། བྱང་ཆུབ་ཀྱི་འབྲས་བུ་ལ་སླུ་ཞིང་མུ་སྟེགས་དང་པོའི་སྡེར་ལྟ་བར་གྱུར་ཏོ། །མཐའ་ཡས། ཏིང་ངེ་ འཛིན་གྱི་ནང་ནས་རིགས་ཀྱི་བུ་སེམས་དང་ཞིང་གསལ་ཏེ། ཏིང་ངེ་འཛིན་མི་གཡོ་ནས་བདུད་ཀྱིས་གླགས་མི་ཐོད་དེ་སྐྱོ་བ་རྣམས་ཀྱི་ཕྱི་མོ་ལ་བརྟགས་ན། སེམས་ཅན་སྐྱེ་བ་དང། ཤི་བ་ ལས་རྒྱུས་རིག་ནས་རྟག་ཅེས་ཟེར་བའི་སེམས་རྣམ་པ་བཞི་གཡོས་སོ་།གཅིག་ཏུ་ན་སེམས་བརྟག་གོ་ཞེས་ཟེར་བ་དང། གཉིས་སུ་ན་ཆེན་པོ་བཞི་རྟག་གོ་ཞེས་ཟེར་བ་དང། གསུམ་དུ་ན་ སྒོ་དྲུག་གི་རྣམ་པར་ཤེས་པ་དང། ཡིད་དང། ཀུན་གྮིའང་རྟག་གོ་།ཞེས་ཟེར་བ་དང། བཞིར་འདུ་ཤེས་ཀྱི་ཕུང་པོ་ཟད་པའི་ཕྱིར་སྐྱེ་བའི་དོན་མེད་པར་གྱུར་ནས་མི་སྐྱེ་བ་ཉིད་དུ་གྱུར་ཏོ། ། [461A]༄༅། །སེམས་མི་སྐྱེ་བར་གྱུར་པའི་ཕྱིར་སེམས་རྟག་པར་འཛིན་ནས་དེ་བྱང་ཆུབ་ཀྱི་སེམས་འཆོལ་ཏེ་མུ་སྟེགས་གཉིས་རྟག་ཅེས་ཟེར་བའི་སྡེར་གྱུར་ཏོ། །ཡང་ཏིང་ ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་འདྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་དེ་སེམས་མི་རྟོག་པར་ མཐོང་ནས་ཕྱིན་ཅི་ལོག་རྣམ་བཞི་སེམས་གཡོས་ཏེ་གཅིག་ཏུ་ན་ཕྱོགས་བཅུ་ནའང་ངས་ཁྱབ་བོ། །ཞེས་ཟེར་བ་དང། ཕྱོགས་བཅུའི་བྱེ་མ་སྙེད་ཀྱི་ཡུལ་ས་བརྟགས་ཏེ་བསྐལ་པ་ བྱུང་བའི་ཡུལ་ས་ལ་ནི། མི་རྟག་པར་བསམ། བསྐལ་པ་མ་བྱུང་བའི་ཡུལ་ས་ལ་ནི། རྟག་པར་བསམ། གསུམ་དུ་ན་རང་གི་སེམས་ལ་བརྟགས་ཏེ་སེམས་རྡུལ་ཙམ་དུ་ཕྲ་བས་ན་ ནས་ངའི་སེམས་ཕྱོགས་བཅུར་གར་སོང་ཡང་ལུས་འགྱུར་མོད་ཀྱི། སེམས་མི་འགྱུར་བས་ན། ངའི་སེམས་རྟག་གོ་ཞེས་འཛིན་ཏེ། སྐྱེ་ཤི་ཐམས་ཅད་ངའི་སེམས་ལས་བྱུང་བས་ན་ ཁྱོད་དང་གཉེན་བཤེས་ལ་སོགས་པ་ཅི་ཡོད་པའི་རྣམས་མཐོང། དེ་དག་ཅི་ཟེར་བའི་སྒྲའང་ཐོས་ཏེ། དེ་ནི། བསྒོམས་དྲགས་པས་སེམས་ཕྱི་རོལ་ཏུ་བྱུང་བས་མཐོང་ཞིང་ཐོས་པར་ཟད་ དོ༑ ༑སེམས་དེ་ལ་ཞིབ་ཏུ་རྒྱུན་ཏུ་བསྒོམས་པས་དགེ་བའི་བཤེས་གཉེན་རྣམས་གློ་བུར་དུ་སྣ་ཚོགས་པར་འཕྲོ་ཞིང་འགྱུར་བར་མཐོང་སྟེ་དེ་ནི། སེམས་ཡོན་པོར་སོང་བ་དང། གདོན་ [461B] བར་བར་གློ་བུར་དུ་ལྷའི་བདུད་ཁོང་དུ་ཞུགས་ནས་ཆོས་ཟབ་མོ་ཐོགས་པ་མེད་པར་འཆད་མཁས་པར་འགྱུར་ཏེ། དེ་ནི། མ་ཡིན་པར་ཚོར་ན་ནི། རང་ཞི། མཚོར་ ན་ནི༑ ལོག་པར་འགྱུར་རོ། །ཏིང་ངེ་འཛིན་དེ་རྣམ་པ་བཅུ་ནི། སྒོམ་པའི་སེམས་མཐོན་དམན་དུ་གྱུར་པས་གཟུགས་ཀྱི་ཕུང་པོའི་དོན་སྣང་བར་ཟད་དེ། དགེ་བའི་ལྟས་ནི། ཡིན། འཕགས་ པའི་འབྲས་བུ་ནི། མ་ཡིན་ནོ། །དེ་ལ་འཕགས་པའི་འབྲས་བུ་མ་ཡིན་ནོ་སྙམ་དུ་བསམ་ན་ལོག་པར་འགྱུར་རོ། །དེ་རྣམས་རེ་ཞིག་གློ་བུར་དུ་མཐོང་བར་ཟད་དེ། དེ་ལྟར་མཐོང་ན་ནི་ཉེས་པ་ མེད་དོ༑ ༑དེ་ལ་ཆགས་ན་ནི། དགྲ་ལྟ་བུར་འཛིན་ཏེ་བདུད་ཀྱིས་གླགས་ཐོད་དོ། །གཟུགས་ཀྱི་ཕུང་པོ་ཟད་པ་དང། སངས་རྒྱས་ཐམས་ཅད་ཀྱི་སེམས་མཐོང་བ་ནི། དཔེར་མེ་ལོང་སྣང་བའི་ ནང་དུ་གཟུགས་མཐོང་བ་དང་མཚུངས་སོ། །ཐོབ་པ་ཡོད་ཀྱང་སྤྱད་དུ་མེད་དེ། དཔེར་བདུད་ཀྱི་མིང་དང་མཚུངས་ཏེ། རྐང་ལགས་ཚང་བར་ཡོད་ཀྱང་མཐོང་བ་དང། ཐོས་པས་མི་ བསླད་དེ། འདྲེས་ནོན་པ་དང་མཚུངས་ཏེ། དེ་ནི། ཚོར་བའི་ཁང་ཁྱིམ་ཡིན་ནོ། །དེ་ནི་འོག་ཏུ་བདག་གཟུགས་ཀྱི་ནང་ནས་བྱུང་སྟེ་ཕྱིར་ངོ་ལ་ལྟ་བ་དང། གཟུགས་ལ་ཕྱིར་གནས་ བ་དང་བྲལ་ཏེ། འགྲོ་བ་ལ་བ་གེགས་མེད་དེ་རང་དབང་ཐོབ་པར་གྱུར་ཏེ། དེ་ནི། ཚོར་བའི་ཕུང་པོ་ཟད་པ་ཡིན་ཏེ། མི་དེ་མཐོང་བའི་རྙོག་པ་ལས་རྒལ་ནུས་སོ། །དེ་ནི། མི་བདེན་པའི་སེམས་ [462A]༄༅། །ཞི་བ་ལས་བྱུང་བ་ཡིན་ནོ། །ཏིང་ངེ་འཛིན་དེའི་ནང་ནས་འོད་ཆེན་པོ་ཐོབ་སྟེ་ཆོས་འཆད་མཁས་རབ་ཏུ་གྱུར། ཆོས་ཉན་བའི་མི་རྣམས་ཀྱིས་ཆོས་བཤད་པའི་སྔོན་ ལོགས་སུ་ཚེ་སྔ་མའང་དྲན། དམྱལ་བའང་མཐོང། མི་ཡུལ་གྱི་ལེགས་ཉེས་ཀུན་ཀྱང་བྱེ་བྲག་ཕྱེད་པར་འགྱུར། དེ་ནས་བདག་ཀྱང་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་ཏེ། སེམས་གཡེལ་ བར་བཏང། ཚུལ་ཁྲིམས་ཀྱང་བཤིག་འདི་ནི། སངས་རྒྱས་ཆེན་པོ་།འདི་ནི། སངས་རྒྱས་ཆུང་དུ། འདི་ནི། སྔར་གྲུབ་པའི་སངས་རྒྱས། འདི་ནི། ཕྱིས་གྲུབ་པའི་སངས་རྒྱས། འདི་ ནི༑ པོའི་སངས་རྒྱས། འདི་ནི། མོའི་སངས་རྒྱས། འདི་ནི། ཕོའི་བྱང་ཆུབ། འདི་ནི། མོའི་བྱང་ཆུབ་ཅེས་དེ་སྐད་འཆད་དེ། དེ་ནས་འདྲེ་དེ་ལུས་ལ་འཕགས་མ་ཐག་ཏུ་སློབ་མ་དང་ བཅས་ཏེ་རྒྱལ་པོའི་གྱོད་ལའང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་ལྟུང་ངོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཚོར་བ་ཤིན་ཏུ་བསགས་ནས་ལོག་པའི་ཏིང་ངེ་འཛིན་དང་ནི་ བྲལ། རྫོགས་པའི་ཏིང་ངེ་འཛིན་གྱི་ནང་ནས་འོད་སྣང་བ་བྱུང་སྟེ། ཆོས་སོ་ཅོག་གི་ཕྱི་མོ་ཚོར་བ་ལ་སྲེད་ནས་ལྷའི་བདུད་ཀྱིས་གླགས་རྙེད་དེ་ཁར་ཞུགས་ནས་ཆོས་འཆད་མཁས་ རབ་ཏུ་གྱུར། བདག་གི་གཟི་བརྗིད་ཀྱི་ཆོས་རྟན་པའི་རྣམས་ཆོས་བཤད་པའི་མདུན་རྡོལ་ན་ཀུན་ཐུལ་ནས་ཁྱེད་ཅག་རྣམས་སངས་རྒྱས་མྱ་ངན་ལས་འདས་སོ་སྙམ་དུ་མ་སེམས་ [462B]ངའི་ལུས་འདི་ཉིད་སངས་རྒྱས་ཡིན་ནོ། །ངའི་བུ་ཚ་རྒྱུན་མི་འཆད་པ་ནི། ཆོས་ཀྱི་སྐུ་རྟག་པ་ཡིན་ནོ། །སངས་རྒྱས་ཀྱི་ཡུལ་གཙང་མ་དེ་ལས་གུད་ན་མེད་ཅེས་ཟེར་ཞིང། བདག་ནི། བྱང་ ཆུབ་ཐོབ་བོ་སྙམ་དུ་བསམ་ནས་སེམས་གཡེལ་བར་བོར་ཏེ་འདོད་ཆགས་ཀྱི་ཆོས་བཤད། མིག་ལ་སོགས་པ་དབང་པོ་ལྔ་ནི། གཙང་མའི་ཡུལ་ཡིན། ཕོ་མཚན་མོ་མཚན་ནི། ཡང་དག་ པར་བྱང་ཆུབ་མྱ་ངན་ལས་འདས་པའི་གནས་ཡིན་པར་འཆད་དེ། འདྲེ་དེ་ལུས་ལ་འཕགས་མ་ཐག་ཏུ་སློབ་མ་དང་བཅས་ཏེ་རྒྱལ་པོའི་གྱོད་ལའང་ཐོགས། མཚམས་མེད་པའི་དམྱལ་བར་ ཡང་ལྟུང་ངོ། །དེ་ལ་ཚོར་ན་ནི། ཉེས་པ་མེད་དོ། །ཚོར་བའི་ཕུང་པོ་ནི། ཤིན་ཏུ་བསགས་ནས་ལོག་པའི་ཏིང་ངེ་འཛིན་དང་ནི་བྲལ། རྫོགས་པའི་ཏིང་ངེ་འཛིན་གྱི་ནང་ནས་འོད་སྣང་བ་བྱུང་ བས༑ ཆོས་ཟབ་མོ་འཆད་པ་ལ་སྲེད་པར་གྱུར་ཏེ། དེའི་ཕྱིར་ལྷའི་བདུད་ཀྱིས་གླགས་རྙེད་དེ་ཁར་ཞུགས་ནས་ཆོས་འཆད་པ་ལ་མཁས་རབ་ཏུ་གྱུར། བདུད་ཡིན་པར་མ་ཚོར་ནས་བདག་ རང་མྱ་ངན་ལས་འདས་སོ་སྙམ་དུ་སེམས་ཏེ། ཆོས་ཉན་པ་རྣམས་ཀྱིས་སྐད་ཅིག་ཏུ་བདག་གི་ལུས་མཐོང་བ་དང། གཉེན་བཤེས་ལོ་བྲྒྱའམ། སྟོང་དུ་མ་ཕྲང་པ་གསར་དུ་ཕྲད་པ་དང་ འདྲ་བར་སེམས་དགའ་ཞིང་གཏོང་མི་ཕོད་དོ། སྦྱིན་བཞིན་དུ་འབྱར་བདག་རང་ཡང་བྱང་ཆུབ་ཏུ་གྲུབ་བོ་རྙག་ཧུ་སེམས་ཏེ། སེམས་གཡེལ་བར་པོར་ནས་འདོད་ཆགས་ཀྱི་ཆོས་འཆད་དེ་ [463A]༄༅། །ང་ཚེ་རབས་འདི་ལ་ཡུལ་འདིར་སྐྱེས་ཏེ་མི་འདི་གྲོལ་ཐར་པར་བྱས་སོ། །མི་པའི་ཚེ་རབས་སྔ་མ་ལ་བའི་ཆུང་མ་ཆུན་མའོ། །མི་འདི་ནི། ངའི་ཕུ་ནུ་པའོ། །ང་དེའི་ཆེད་དུ་ འདིར་འོངས་ཏེ་ཁྱོད་དང་འགྲོགས་ལ་ལྷ་ཡུལ་འདི་ཤེད་དུ་འདོང་ངོ་།ཞེས་ཟེར་རོ། །ལོགས་ཤིག་ན་འོད་ཆེར་སྣང་བའི་གནས་ཡོད་དོ་།སངས་རྒྱས་ཐམས་ཅད་དེ་ཤེད་དུ་གནས་སོ། །ཞེས་ ཟེར་ཏེ། དེ་ནས་བདུད་དེ་ལུས་ལ་འཕགས་མ་ཐག་ཏུ་སློབ་མ་དང་བཅས་ཏེ་རྒྱལ་པོའི་གྱོད་ལའང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། ། རིགས་ཀྱི་བུ་དེས་ཚོར་བའི་ཕུང་པོ་ཤིན་ཏུ་གསོག་པའི་ཕྱིར་ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་དོ། །རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བ་བྱུང་བས་རང་འགྲུས་འབོགས་ཀྱི་སེམས་ ཞི་བ་ལ་འགྲུས་ཏེ་ལྷའི་བདུད་ཀྱིས་གླགས་ཐོད་ནས་ཁར་ཞུགས་ཏེ་བདག་བདུད་ཀྱིས་ཟུག་པར་མ་ཚོར་ཏེ་ཆོས་འཆད་མཁས་རབ་ཏུ་གྱུར་ཆོས་ཉན་པ་རྣམས་ཀྱང་བདག་བདག་གི་ ལས་ཅི་ལས་གྱུར་པ་ཤེས་ཏེ། མི་ཁ་ཅིག་ལ་ཁྱོད་ད་ལྟར་མི་ཡིན་མོད་ཀྱི། ཁྱོད་ནི། ཕྱུགས་ཡིན་ནོ། །ཡིད་མི་ཆེས་པ་ན་ངས་ཁྱོད་ཀྱི་མཇུག་མ་ལ་བརྫིས་དང་ཁྱོད་ལྡང་མི་ཕོད་ཀྱི་ ཞེས་བསྒོ་སྟེ། དེ་བཞིན་དུ་བརྫིས་ནས་མི་དེ་ལྡང་མ་བོད་ནས་མི་གཞན་ཡང་དེ་ལ་ཡིད་ཆེས་ཏེ། དགེ་སློང་ལ་ནི། སྐུར། སངས་རྒྱས་ཀྱི་ཁྲིམས་ནི། བཤིག་བདུད་དེ་མི་དེའི་ལུས་ [463B]ལའང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཡང་རིགས་ཀྱི་བུ་ཚོར་བའི་ ཕུང་པོ་ཤིན་ཏུ་བསགས་ནས་ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་དེ། རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བས་ཏིང་ངེ་འཛིན་སྒོམ་པའི་ཚེ་སེམས་ལ་ཤེས་པ་དང། མཐོང་བ་དང་ སྔ་མ་དྲན་པར་སྲེད་དེ་ལྷའི་བདུད་ཀྱིས་གླགས་ཐོད་ནས་ཁར་ཞུགས་ཏེ་བདུད་ཀྱིས་ཟུག་པར་མ་ཚོར་ནས་བདག་མྱ་ངན་ལས་འདས་སོ་སྙམ་དུ་བསམ་ནས་གཞན་ལ་ཆོས་འཆད་པའི་ཚེ་ གློ་བུར་དུ་ནོར་བུ་རིན་པོ་ཆེ་ཐོགས་ཏེ་བདུད་ཀྱི་ལུས་ཕྱུགས་སུ་བསྒྱུར་ཏེ་ཁ་ནས་ནོར་བུ་རིན་པོ་ཆེ་འཛིན་ཅིང་འོད་སྣང་བ་དང་གློ་བུར་དུ་རིན་པོ་ཆེ་དང། ངོ་མཚར་མི་སྲིད་པའི་ནོར་ཡང་ ཁྱེར་ཏེ་འོངས་ནས་ཐོག་མ་ནི། ནོར་བྱིན། ཐ་མར་ཁོང་བར་ཞུགས་ཏེ་སའི་འོག་ན་ནོར་བུ་རིན་པོ་ཆེ་ཡོད་དོ། །ཞེས་གཞན་ལ་བསྟན་ནས་ས་འོག་ནས་ཡང་ཐལ་དུ་འོད་སྣང་བར་གྱུར་ནས་ ཀུན་གྱིས་ངོ་མཚར་དུ་བཟུང། འཚལ་མ་ནི། བཅད། སྨན་དཔྱད་ཀྱི་ཁ་ཟས་དང། མ་ཡིན་ན་ཁྲེའམ། ནས་འབྲུམ་བུ་གཅིག་ཟོས་ཀྱང་བདུད་ཀྱི་སྟོབས་ཉམས་པ་ཟད་ནས་དགེ་སློང་རྣམས་ ལ་སྐུར་ཏེ། ཕྱོགས་བཅུའི་གཏེར་ཡོད་པ་དང། འཕགས་པའི་གནས་འདི་དང། འདི་ཡིན་ནོ། །ཞེས་ཟེར་ཏེ། ཕྱིས་བར་བར་ཡང་འདི་བཞིན་དུ་མཐོང་ནས་དེ་ནི། རིའམ། ཚལ་ལམ། མཁར་ [464A]༄༅། །གྱི་འདྲེ་དགྲས་བསད་པ་སླར་ཡང་འདྲེར་སྐྱེས་པ་ལས་གལ་ཏེ་བདུད་དུ་གྱུར་ཅིག་དང་སངས་རྒྱས་ལ་དྲིན་གྱི་ལན་ལོན་ཞེས་བྱ་བ་ཡིན་ནོ། །མཐའ་ཡས། ཏིང་ངེ་འཛིན་ དེ་རྣམ་བཅུ་ནི། འདུ་ཤེས་ཀྱི་ཕུང་པོ་སེམས་སྤྱོད་པ་མཐོད་མན་དུ་གྱུར་པས་ཚོར་བའི་ཕུང་པོ་ནི། དོན་སྣང་བར་ཟད་དེ། དགེ་བའི་ལྟས་ནི། ཡིན། འཕགས་པའི་འབྲས་བུ་ནི། མ་ཡིན་ ནོ༑ ༑དེ་ལ་འཕགས་པའི་འབྲས་བུ་ཡིན་ནོ། །སྙམ་དུ་བསམ་ན་ནི། ལོག་པར་འགྱུར། དེ་རྣམས་རེ་ཞིག་གློ་བུར་དུ་མཐོང་བར་ཟད་དེ། དེ་ལྟར་ཚོར་ན་ནི། ཉེས་པ་མེད་དོ། །དེ་ལྟར་མ་ཚོར་ན་ ལོག་པའི་གནས་སུ་ལྟུང་ངོ། །མཐའ་ཡས། འདུ་ཤེས་ཀྱི་ཕུང་པོ་ཟད་དེ། གཉིད་ལོག་པ་དང། སད་པ་འདྲ་སྟེ། སེམས་ནམ་མཁའ་དང་འདྲ་ནས་སྤྱོད་ཡུལ་གྱི་གཟུགས་བརྙན་དང་ འཇིག་རྟེན་གྱི་རིའམ། ཚལ་ལམ། ཆུའམ། ཅི་ཡོད་པ་ཐམས་ཅད་མེ་ལོང་ལ་བལྟས་པ་བཞིན་དུ་མཐོང་ངོ། །འོངས་པའི་སའང་མེད་སོང་བའི་རྗེས་ཀྱང་མེད་དོ། །དེའི་མིང་ནི། འདུ་ ཤེས་ཀྱི་ཁང་ཁྱིམ་ཡིན་ནོ། །ཕྱི་མོ་ཉིད་ཀྱི་སེམས་དཔེར་རླབས་ཆད་དེ། ཆུ་དང་ས་འདྲ་བར་གྱུར་ན། དེའི་མིང་ནི། འདུ་ཤེས་ཀྱི་ཕུང་པོ་ཟད་ཅེས་བྱའོ། །མི་དེས་ནི། སེམས་ཅན་གྱི་རྙོག་པ་ ལས་བྱུང་ངོ། །དེའི་དོན་བརྟགས་ན། ཕྱི་མོ་མི་བདེན་པའི་སེམས་ཤིན་ཏུ་ཕྲ་ཞིང་མི་སྣང་བ་ལས་བྱུང་ངོ། །མཐའ་ཡས། ཤེས་པར་བྱ་སྟེ། ཡང་དག་པའི་ཏིང་ངེ་འཛིན་ཐོབ་པའི་རིགས་ཀྱི་ [464B]དེ། དེ་ནས་སེམས་ལས་ཤིན་ཏུ་བསྒོམས་ནས་སྐྱེ་བ་རྣམས་ཀྱི་ཕྱི་མོ་ལ་བརྟགས་ན། མིག་གི་དབང་པོ་ལ་ཡོན་ཏན་བརྒྱད་བརྒྱ་ ཡོད་པའི་ཕྱིར་བསྐལ་པ་བརྒྱད་ཁྲི་ཚུན་ཆད་ཀྱི་སེམས་ཅན་ཇི་ལྟར་ཤི་ཇི་ལྟར་སྐྱེ་བའི་དོན་ཀྱང་ཤེས་སོ། །སེམས་ཅན་བསྐལ་པ་བརྒྱད་ཁྲི་ཚུན་ཆད་རྒྱུ་མེད་པར་ང་སྐྱེས་པ་ཡིན། མིའང་མིར་སྐྱེ་ ཕྱུགས་ཀྱང་ཕྱུགས་སུ་སྐྱེ། བྱ་ཡང་བྱར་སྐྱེས་སོ། །ཞེས་བསམ་སྟེ། གནས་དེ་རྣམ་པ་ལྔ་ལ་ཤིན་ཏུ་གཙང་མར་མཐོང། ཤིན་ཏུ་བདེ་བར་མཐོང། མྱ་ངན་ལས་འདས་པའི་དོན་ཡིན་ནོ། །ཞེས་ཟེར་ཏེ་ བྱང་ཆུབ་ཀྱི་སེམས་ནི། འཆོལ་ཏེ་མུ་སྟེགས་པ་བཅུར་ཕུང་པོ་ལྔའི་ནང་ནས་མྱ་ངན་ལས་འདས་པའི་རྣམ་པ་ལྔར་འཛིན་པའི་ཕྱིན་ཅི་ལོག་གི་སྔེར་གྱུར་ཏོ། །མཐའ་ཡས། ཏིང་ངེ་འཛིན་རྣམ་བཅུ་ ལོག་པར་ཤེས་པ་ནི། དེ་ཐམས་ཅད་འདུ་བྱེད་ཀྱི་ཕུང་པོའི་སེམས་སྤྱོད་པ་མཐོ་དམན་དུ་གྱུར་པའི་ཕྱིར་དེ་ལྟ་བུར་གྱུར་ཏེ། སེམས་ཅན་མ་རབས་བདག་གིས་དྲོད་མ་ཟིན་ཏེ་མ་ཡིན་པ་ལ་ཡིན་པར་ བལྟས་ནས་འཕགས་པའི་འབྲས་བུ་རྫོགས་སོ་སྙམ་དུ་བསམ་ནས་རྫུན་ཆེན་པོ་ཡིན་ཏེ། མཚམས་མེད་པར་འགྲོའོ། །ཁྱོད་ལ་སོགས་པ་དེ་བཞིན་གཤེགས་པའི་བསམ་པའི་དོན་དེ་ཁྱེར་ལ། མ་ འོངས་པའི་སེམས་ཅན་ལ་བསྟན་ཏེ་སེམས་ཀྱི་བདུད་མི་གཡོ་བར་གྱིས་ཤིག་ཉུང་དུ་ཐོས་པ་ལ་ཆོག་པར་མི་སེམས་ཤིང། ཚོར་བ་ཆེན་པོའི་རྒྱལ་པོ་བྱེད་དེ། ཐམས་ཅད་གཙང་གདང་བའི་ཚོན་ [465A]༄༅། །མ་གྱིས་ཤིག་མཐའ་ཡས། རིགས་ཀྱི་བུ་རྣམས་ཏིང་ངེ་འཛིན་སྒོམ་པ་འདུ་བྱེད་ཀྱི་ཕུང་པོ་ཟད་པ་ནི། འཇིག་རྟེན་གྱི་གཡོ་བ་དང་འདྲ་བར་གྱུར་ཏེ། དབང་པོ་དྲུག་ ཤིན་ཏུ་གཙང་ཞིང་གསོག་ཏུ་གྱུར་ནས་སེམས་རྒོད་བའམ། འདུག་ཏུ་མི་བཏུབ་པ་མད་པར་གྱུར་ཏོ། །ཕྱི་ནང་ཏིང་ངེ་འཛིན་མི་གཡོ་བར་སྣང་གསལ་བར་གྱུར་ཏོ། །འཇུག་ན་འཇུག་པའི་གནས་ ཀྱང་མེད། ཕྱོགས་བཅུའི་སེམས་ཅན་གྱི་རིགས་ཀྱང་རིག་ཕྱོགས་བཅུའི་ཡང་རིགས་མཐུན་པར་མཐོང། དེའི་མིང་ནི། རྣམ་པར་ཤེས་པ་ཕུང་པོའི་ཁང་ཁྱིམ་ཞེས་བྱའོ། །སྒོ་དྲུག་བསྣོར་ཞིང་ སྤྱད་དུ་རུང། ཕྱོགས་བཅུའི་ཁམས་དང། རང་གི་ལུས་དང་སེམས་མཆིང་བུ་བཞིན་དུ་གྱུར་ཏེ། ཕྱི་ནང་སྣང་གསལ་ལོ། །དེའི་མིང་ནི། རྣམ་པར་ཤེས་པའི་ཕུང་པོ་ཟད་ཅེས་བྱའོ། །མི་དེ་ཚེའི་རྙོག་ པ་ལས་འདས་སོ། །དེའི་དོན་བརྟགས་ན། ཡང་དག་པའི་དོན་འོལ་བྱིར་འོང་བ་ལ་མི་བདེན་པའི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་ལས་བྱུང་ངོ། །མཐའ་ཡས། ཤེས་པར་གྱིས་ཤིག་རིགས་ཀྱི་བུ་འདུ་ བྱེད་ཐམས་ཅད་སྟོང་པར་རིག་ན་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སྐྱེ་ཤིའང་འགོག་སྟེ། མི་སྐྱེ་མ་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཡང་དག་པ་རྒྱུ་རྟག་གོ་ཞེས་ཟེར་ཏེ། དེའི་ སེམས་ཞེན་པས་མུ་སྟེགས་ས་ཕྱི་ལའི་སྔེར་གྱུར་ཏེ་བྱང་ཆུབ་ཀྱི་སེམས་མི་འཆོལ། ཤེས་པ་མཐོང་བ་ནི། བརླག་དེ་ནི། དང་པོ་སེམས་ཡོད་པར་འཛིན་པའི་མུ་སྟེགས་སུ་གྱུར་ཏེ། ཡང་དག་ [465B] མུ་སྟེགས་རིགས་སུ་ནི། སྐྱེའོ་།མཐའ་ཡས། རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་བསྐྱེར་ཤིའང་འགོག་སྟེ། མི་སྐྱེ་མི་ཤི་ ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཡང་དག་པ་ཉིད་ལ་ང་རང་ཉིད་ཡིན་ནོ། །ཞེས་འཛིན་ཏེ། ནམ་མཁའ་དང་ཁམས་སོ་ཅོག་གི་སེམས་ཅན་རིགས་བཅུ་གཉིས་ཡོད་པའང་ཐམས་ ཅད་ངའི་ལུས་ལས་བྱུང་ངོ། །ཞེས་བསམ་སྟེ། དེའི་སེམས་ལ་ཞེན་པས་ན་མུ་སྟེགས་མ་ཧེ་ཤོར་བའི་ལུགས་སུ་གྱུར་ཏོ། །ལུས་གྲངས་མེད་པར་སྤྲུལ་ཏེ་འཁོར་དུ་བྱས་ནས་བྱང་ཆུབ་ཀྱི་ སེམས་ནི། འཆོལ། ཤེས་པ་མཐོང་བ་ནི། བརླག་དེའི་མིང་ནི། དང་འོག་བྱེད་ནུས་པའི་སེམས་དང། དོན་སྒྲུབ་ནུས་པའི་འབྲས་བུར་གྱུར་ཏེ། ཡང་དག་པར་མྱ་ངན་ལས་འདས་ནུས་པ་ལ་ནི་ རྒྱབ་ཀྱིས་ཕྱོགས། ང་རྒྱལ་ཆེན་པོའི་ལྷར་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤིའང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བའི་སེམས་ནི་ དབར་མ་ཆིང་བུ་གཙང་མའི་ནང་ན་རིན་པོ་ཆེའི་ཟླ་བ་ཡོད་པ་དང་འདྲའོ། །དེ་བཞིན་དུ་གྱུར་ན་བྱང་ཆུབ་སེམས་དཔའི་དད་པ་བཅུ། གནས་པ་བཅུ། སྒོམ་པ་བཅུ། ཕྱོགས་བཅུ་ཐོབ་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་རྡོ་རྗེ་ཏིང་ངེ་འཛིན་དང། སྙོམས་པའི་ཚོར་བའི་ས་ལས་འདས་ནས་དེ་བཞིན་གཤེགས་པའི་སྣང་བ་རྒྱས་པ་ལ་ཞུགས་ཏེ་རྒྱན་གྱིས་བརྒྱན་པའི་བྱང་ཆུབ་ཀྱི་མཚོ་ཅིའང་ [466A]༄༅། །ཐོབ་པ་མེད་པའི་དོན་ཐོབ་ནས་སངས་རྒྱས་སྔ་མ་འདས་པའི་ཞི་གནས་དང། ལྷག་མཐོང་གི་ནང་ནས་ཤིན་ཏུ་ཕྲ་བའི་བདུད་ཀྱི་ལས་དང། བདུད་ དུ་སྣང་བའི་ཚེ་ཀུན་ཤེས་རིག་ནས་སེམས་ཀྱི་དྲི་མ་བཀྲུས་བསལ་ཏེ་ལོག་པར་ལྟ་བའི་ནང་དུ་མི་ལྷུང་ཞིང་ཕུང་པོའི་བདུད་ནི། ཞུ་བྱང། ལྷའི་བདུད་ནི། སྙིལ་གྲུགས་[?] ཆེ་རྣམས་ཀྱི་ནང་དུ་མི་སྐྱེ་སྟེ། ཐལ་བྱུང་བྱང་ཆུབ་ཏུ་གྲུབ་ཀྱི་བར་དུ་མཆོག་པ་མེད་དོ། །མྱ་ངན་ལས་འདས་པ་ཆེན་པོའི་སེམས་ནི། གསལ་ཞིང་མི་འཆོལ་བར་འགྱུར་རོ་ ཅན་གྱི་དབང་པོ་ནི། རྟུལ། ཏིང་ངེ་འཛིན་ལ་ནི། སྲེད། ཏིང་ངེ་འཛིན་མ་རིག་པའི་ཕྱིར་ན་ལོག་པའི་གནས་སུ་ལྟུང་བར་འགྱུར་རོ་།མཐའ་ཡས། ཁྱོད་ཀྱིས་ངའི་སྔགས་[?] འོངས་པའི་སེམས་ཅན་རྣམས་ལ་སྟོན་ཅིག་ངའི་སྔགས་འདི་ཁ་ཏོན་དུ་བྱེད་མ་ནུས་ན། ཡི་གེར་བྲིས་ཏེ་ལུས་ལ་བཏགས་སམ། ཏིང་ངེ་འཛིན་སྒོམ་པའི་ཁང་བུ་[?] ན༑ ཕྱོགས་བཅུའི་ལྷའི་བདུད་ལ་སོགས་པ་ཐམས་ཅད་ཀྱང་ཞུ་བྱང་སྟེ། གནོད་པ་བྱེད་མི་ནུས་སོ། །མཐའ་ཡས། དེ་ནི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཁྱོད་མ་བ་རེ་[?] གཙུག་ཏོར་ཆེན་པོའི་བམ་པོ་དགུ་པ་ལས། བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ་རྫོགས་སོ།། །།སྔོན་གྱི་དཀར་ཆག་གསུམ་དུ་རྒྱ་ནག་ལས་འགྱུར་བར་དུ་[?]